འབྲོང་ངུར་གདན་རབས་གསོལ་འདེབས།

༄༅།  །སྒྲུབ་བརྒྱུད་ཀྱི་སྙིང་པོ་རྒྱལ་དབང་དཔལ་འབྲོང་ངུར་པ་ཆེན་པོའི་གདན་རབས་གསོལ་འདེབས་བཞུགས་སོ། ། ན་མོ་གུ་རུ་རྗེ། དུས་གསུམ་སངས་རྒྱས་འདུས་པའི་སྐུ་གསུང་ཐུགས། །མི་ཤིགས་རྡོ་རྗེའི་སྙིང་པོ་བླ་ན་མེད། །ཀུན་བཟང་རྡོར་སེམས་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དཔལ་བཤེས་གཉེན་ཤྲཱི་སིངྷ་དང་། །ཨོ་རྒྱན་པདྨ་མཁར་ཆེན་མཚོ་རྒྱལ་དང་། །ཁྲི་སྲོང་ལྡེའུ་བཙན་ཡེ་ཤེས་དབང་ཕྱུག་སོགས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་རླབས་ཉམས་རྟོགས་གོང་དུ་འཕེལ་བར་ཤོག །རྒྱ་གར་མཁས་གྲུབ་དྲུང་དུ་རྩོད་པ་མཛད། །རྫུ་འཕྲུལ་བཀོད་པས་པཎྜི་ཏ་རྣམས་ཕམ། །དམ་ཆོས་ཆེན་པོ་གསང་སྔགས་ཆོས་ཆར་ཕབ། །དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །

གྱ་བ་འབྲོང་ངུར་པ་ཆེན་པོ་གངས་པ་རིན་ཆེན་འོད་ཟེར་གྱི་ངོ་མཚར་བའི་རྣམ་ཐར་བཅུ་གསུམ་གྱི་གསོལ་འདེབས།

༄༅།    །སྒྲུབ་བརྒྱུད་ཀྱི་སྙིང་པོ་དཔལ་ལྡན་གྱ་བ་འབྲོང་ངུར་པ་ཆེན་པོ་གངས་པ་རིན་ཆེན་འོད་ཟེར་གྱི་ངོ་མཚར་བའི་རྣམ་ཐར་བཅུ་གསུམ་གྱི་གསོལ་འདེབས་བྱིན་བརྒྱའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།    ན་མོ་གུ་རུ་ཡེ། གནས་སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ན།། སེམས་མ་བཅོས་རང་བྱུང་ཆོས་ཉིད་དོན་གྱི་ལྷ།། དཔལ་འབྲོང་ངུར་ཆོས་རྗེ་སྒང་པ་ཡང་ཡང་དྲན།། ཆོས་སྣ་ཚོགས་འགོ་མཉམ་རྟོགས་པར་བྱིན་གྱིས་རློབས།།   མགོན་མར་མེ་མཛད་ཀྱི་བསྟན་པ་ལ།། ཐུགས་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་འཆང་།། སྤྲང་སྤང་ལེབ་འཛིན་ཞེས་ཉ་པའི་ཚུལ།། མ་འགྲོ་དོན་མཛད་ཁྱོད་ཕྱག་འཚལ་བསྟོད།།

འཇམ་དཔལ་མཚན་བརྗོད་འགྲེལ་ཆེན་ཚོགས་གཉིས་ལམ་བཟང་། འཕྲུལ་དེབ་ཕབ་ལེན།

    གཤམ་གསལ་དྲྭ་ཐག་ལ་བསྣན་ན་༼འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་ཆེན་ཚོགས་གཉིས་ལམ་བཟང་གི་དཀར་ཆག་༽ལྟ་ཀློག་དང་ཕབ་ལེན་གནང་ཐུབ།  http://drongngurchoje.net/wp-content/uploads/2019/11/01-Contents-of-Jampal-Tsenjod-Drelpa-Tsoknyi-Lamsang-28.09.2018.pdf གཤམ་གསལ་དྲྭ་ཐག་ལ་བསྣན་ན་༼འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་ཆེན་ཚོགས་གཉིས་ལམ་བཟང་གི་གཞུང་དངོས་༽ལྟ་ཀློག་དང་ཕབ་ལེན་གནང་ཐུབ། http://drongngurchoje.net/wp-content/uploads/2019/11/02-Jampal-Tsenjod-Drelpa-Tsoknyi-Lamsang-28.09.2018.pdf

འབྲོང་ངུར་ཆོས་མཛོད། འཕྲུལ་དེབ་ཕབ་ལེན།

༡༽ གཤམ་གྱི་དྲྭ་ཐག་ལ་བསྣན་ན་འབྲོང་ངུར་ཆོས་མཛོད་ཀྱི་པོད་དང་པོ་༼ཨེ་༽ཕབ་ལེན་གནང་ཐུབ། http://drongngurchoje.net/wp-content/uploads/2019/11/1-Drong-Ngur-Shithro-Narak-Dongtuk-Complete.pdf ༢༽ གཤམ་གྱི་དྲྭ་ཐག་ལ་བསྣན་ན་འབྲོང་ངུར་ཆོས་མཛོད་ཀྱི་པོད་གཉིས་པ་༼ཝཾ་༽ཕབ་ལེན་གནང་ཐུབ།

༄༅། །འབྲོང་ངུར་ཆོས་རྗེ་སྐྱེ་འཕྲེང་རིམ་བྱོན་གྱི་གསོལ་འདེབས།

  ༄༅། །འབྲོང་ངུར་ཆོས་རྗེ་སྐྱེ་འཕྲེང་རིམ་བྱོན་གྱི་གསོལ་འདེབས།   མི་མཆོག་དུས་གསུམ་མཁྱེན་པས་རྗེས་བཟུང་ཞིང་།། མདོ་སྔགས་བསྟན་པའི་རྒྱལ་མཚན་ཆོས་ཀྱི་རྗེ།།   སྐལ་ལྡན་མང་པོ་སྨིན་གྲོལ་ལམ་ལ་བཀོད།། འགྲོ་མགོན་གངས་པའི་ཞབས་ལ་གསོལ་བ་འདེབས།།   དད་བརྩོན་ཤེས་རབ་བློ་གྲོས་ནོར་གྱིས་ཕྱུག། དགོས་འདོད་ཀུན་འབྱུང་འགྲོ་མགོན་ཆོས་ཀྱི་རྗེ།། ཡོ་ག་རྣམ་གསུམ་མཁྱེན་པའི་དཀྱིལ་འཁོར་རྒྱས།། གྲགས་པ་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས།།

གདང་ལ་རི་བོ་དཔེ་དེབ་འགྲེམ་བརྡ།

གདང་ལ་རི་བོ་དཔེ་དེབ་འགྲེམ་བརྡ། འབྲོང་ངུར་ཆོས་རྗེས་བརྩམས་པའི་༼བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྟགས་འཇུག་གི་བརྗོད་བྱ་སྙིང་པོ་བྱ་ཚིག་གི་རྣམ་གཞག་ཞིབ་ཅིང་རྒྱས་པར་བཤད་པ་ལག་ལེན་བཅུད་བསྡུས་ཆེན་མོ་༽དཔར་ཐེངས་དང་པོ་ཕྱི་ལོ་ 2017 ལོར་ཚར་ 1000 ཐམ་པ་དཔར་བ་དེ་ལོ་གཅིག་མ་འཁོར་གོང་ནས་ཆ་ཚང་རྫོགས་ཤིང་། ད་དུང་དོན་གཉེར་ཅན་སྤྱི་སྒེར་དུ་མ་ནས་ཐུགས་འདོད་ཆེ་བར་བརྟེན་དཔར་ཐེངས་གཉིས་པ་མི་རིང་བར་ཐོན་ལ་ཉེ་ཡོད། སྤྱི་སྒེར་སུ་ཞིག་ལ་དགོས་གལ་གཟིགས་ཚེ་གཤམ་གསལ་ཁ་བྱང་དེ་དག་ལ་འབྲེལ་བ་གནོངས་དང་སྐུ་ཉིད་ལ་ཕྱག་རོགས་ཞུ་ངེས། གདང་ལ་རི་བོ་དཔེ་ཚོགས་ནས། ༢༠༡༩། ༡༠། ༢༡ འབྲོང་ངུར་བསྟན་འཛིན་ལམ་བཟང་། སྐད་འཕྲིན་ཁ་བྱང་། drong777888 བསོད་ནམས་ནོར་བུ། སྐད་འཕྲིན་ཁ་བྱང་། Zumshor རྒྱ་གར་བྱང་ཕྱོགས་རྡ་ས། ལམ་བཟང་པོ། སྐད་འཕྲིན་ཁ་བྱང་། zhashi6392 རྒྱ་གར་བྱང་ཕྱོགས་སྦིར་ཅོན་ཏ་ར། བསྟན་འཛིན་དར་རྒྱས། ཁ་པར་ཨང་། 7033984223 རྒྱ་གར་ལྷོ་ཕྱོགས། དཀོན་མཆོག་བསམ་གཏན། ཁ་པར་ཨང་། 9148049288 རྒྱ་གར་ལྷོ་ཕྱོགས།

བརྒལ་ལན་ཉིན་བྱེད་སྣང་བའི་འཆད་ཁྲིད། སྒྲ་སྒམ་ཕབ་ལེན།