འབྲོང་དཀར་པོའི་ངུར་སྒྲ། འཕྲུལ་དེབ་ཕབ་ལེན།
འདིར་བསྣན་ན་༼འབྲོང་དཀར་པོའི་ངུར་སྒྲ་༽ཕབ་ལེན་གནང་ཐུབ།
འབྲོང་དཀར་བསུ་མ།
འབྲོང་དཀར་པོ། ཁྱེད་ནི་སེང་ཕྲུག་ཅིག་ཡིན་ན་གངས་སྟོད་འགྲིམ་རན་པ་དང་། སྟག་ཕྲུག་ཅིག་ཡིན་ན་རྒྱ་རྫོང་འཛིན་རན་འདུགམ་གཞི་ལྷན་སྐྱེས་ཀྱི་ཤེས་རབ་ཧ་ཅང་མྱུར་ཁར། རིག་པའི་གནས་ཕལ་མོ་ཆེར་གོ་མྱོང་རྟོགས་གསུམ་གཏིང་ཟབ་པ་དང་། རང་གི་རྣམ་དཔྱོད་རྩལ་བཏོན་གྱིས་རྩོམ་ཡིག་ལེགས་པོ་ཞིག་བྲིས་འདུག་པར་དགའ་བསུ་ཞུ། འུར་བསྟོད་ལ་མི་མཛའ་ཞིང་ངོ་སྲུང་གི་སྨྲ་སྒོར་བྱང་མ་ཐུབ་མོད། དུང་ཞེན་སེམས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་ཟིན་པས་རང་རིགས་ལ་བྲིན་ཆེ་བའི་དོན་མེད་ཀྱི་བསྟོད་གླུ་ཞིག་འདིར་མི་དགོས་ཏེ་རང་བསྟོད་ནི་ནམ་ཡང་གཞན་གྱིས་ཁྲེལ་བའི་གནས་ཡིན་པས་སོ། །
འབྲོང་དཀར་པོ། གངས་ལྗོངས་ཀྱི་ཁྱད་རྟགས་མཚོན་པའི་ཕོ་རྒོད་ཁྱོད་ཀྱིས། རང་ཉིད་འཛམ་གླིང་སྤྱི་དམངས་ཤིག་དང་། བོད་ཀྱི་མི་རིགས་ཤིགནང་པ་སངས་རྒྱས་པ་ཞིགསངས་རྒྱས་ཀྱི་སློབ་མ་སྤྲུལ་སྐུ་ཞིག་སྟེ་ཡིན་པ་བཞི་པོ་ངོ་ཤེས་ཤིང་། དེ་ལྟ་བུར་འགན་འཁྲི་གང་ཡོད་པར་གཅེས་འཛིན་གྱིས་གཞན་ལ་སྐུལ་ལྕག་ཐེབས་སུ་འཇུག་པའི་རྩོམ་ཡིག་འདིས། དགེ་ཕན་ངེས་ཅན་ཞིག་འབྱུང་བར་གོར་མ་ཆགལྡོག་ཕྱོགས་ནས་བསམས་ན་རྨོངས་དད་ལ་གོམས་ཆེ་བ་འགའ་དང་ཆོས་པར་རློམ་ཞིང་ཆེན་པོའི་མིང་འཛིན། ཕྱི་སྨིན་ལ་ནང་མ་སྨིན་པའི་བཙན་དང་རྒྱལ་འགོང་ལྟ་བུ་རེ་འགར་བཟོད་མི་ཐུབ་པའི་ཟུག་རྔུ་སྐྱེ་སྲིད་ཀྱང་། ཁྱེད་ལ་ཉེས་པ་འབྱུང་མི་འགྱུར།
གང་ལྟར་སློབ་སྦྱོང་གི་བར་གསེང་རྣམས་སུ་རྩེད་འཇོ་དང་བག་མེད་ངང་མ་བསྡད་པར་ཚིག་སྦྱོར་གྱི་རོ་མངར་ཞིང་དོན་གྱི་ལྗིད་ཁོག་ཟབ་པའི་རྩོམ་ཡིག་འདི་དག་བྲིས་པར་ང་ཡི་གཅེས་ཕྲུག་ཁྱོད་ལ་སེམས་གཏིང་ནས་བསྔགས་བརྗོད་ཡོད། ཁ་གཡང་ཚིག་གི་ལོ་མ་མིན་པར། དུས་ནམ་ཡང་སྙིང་སྟོབས་ཀྱི་སྐྱེལ་མ་ཡོད་ལ། ཤེས་རིག་གི་བསུ་མ་ཞུའོ། །
འབྲོང་དཀར་པོའི་ངུར་སྒྲ་ཞེས་པའི་དེབ་འདིའི་ཞུ་དག་གི་རྗེས་སུ་སྐྱེས་མཆོག་འབྲོང་ངུར་ཆོས་རྗེའི་ལས་སྨོན་འོད་ཟེར་བརྒྱ་པ་སྙིང་གི་པདྨོར་སྨིན་པའི་གྱི་ན་བ་འབྲོང་ངུར་ཕོ་ཉར་འབོད་པས། ཡབ་རྗེ་གྲུབ་དབང་བླ་མའི་གདན་ས་ཐེག་མཆོག་རྣམ་གྲོལ་གླིང་དུ། སྤྱི་ལོ་ ༢༠༡༡ ཟླ་བ་ ༦ ཚེས་ ༣ ཉིན་སྤེལ།
བསམ་ཚུལ་ཕྲིས།